最新搜索

挚友 - 多哇加布拉堆.lrc

LRC歌词 下载
[00:00.000] 编曲 : 多哇加布拉堆
[00:15.593]ངའི་རོགས་གཅིག་ཁྲ་ཡག་རྫ་ལ་ཡོད། །
[00:22.673]འབྲོང་བྲེ་སེར་འདྲ་ལེའི་རོགས་གཅིག་ཡོད། །
[00:32.555]མགོ་རུ་ཐུར་འདྲ་ལེའི་སེམས་གཅིག་ཡོད། །
[00:39.846]དེ་ཡན་ལ་རོགས་ཀྱི་དགོས་པ་མེད། །
[01:02.856]ངའི་རོགས་གཅིག་རྒྱ་རྫོང་ནགས་ལ་ཡོད། །
[01:06.119]སྟག་དམར་ཡག་འདྲ་ལེའི་རོགས་གཅིག་ཡོད། །
[01:10.888]ལུས་རྩལ་དྲུག་འཛོམས་པའི་རོགས་གཅིག་ཡོད། །
[01:16.240]དེ་ཡན་ལ་རོགས་ཀྱི་དགོས་པ་མེད། །
[01:21.991]རྫ་རྩེ་གངས་རྩེ་སྤང་རྩེ་གསུམ། །
[01:23.617]སྤང་རྩེ་རླུང་གིས་ཁྱེར་འགྲོ་རེད། །
[01:25.528]གངས་རྩེ་ཉི་མས་བཞུ་འགྲོ་རེད། །
[01:27.552]འགྱུར་མེད་རྫ་རི་སྨུག་པོ་རེད། །
[01:33.283]ཇ་ལོ་ལྕང་ལོ་ཤུག་ལོ་གསུམ། །
[01:35.104]ཇ་ལོ་སྟོན་དུས་འཐུ་ལེ་རེད། །
[01:36.920]ལྕང་ལོ་དགུན་དུས་སྐམ་ལེ་རེད། །
[01:38.866]མི་འགྱུར་ལྷ་ཤིང་ཤུག་ལོ་རེད། །
[01:45.091]མགར་གྱི་བུ་དང་ལྕགས་ཀྱི་ཚ། །
[01:46.527]མགར་བུ་ལྕགས་ཚ་ཁྲ་རིང་བོའུ། །
[01:48.389]བཞག་བཞག་ན་དགྲ་ལྷ་འཁོར་རྟེན་རེད། །
[01:50.270]འཕངས་བཏང་ན་གནམ་ལྕགས་ཐོག་དང་འདྲ། །
[01:52.151]བྱ་ཡི་སྒྲོ་དང་རླུང་གི་གཤོག། །
[01:54.137]བྱ་སྒྲོ་རླུང་གཤོག་འདོ་བ་རྟ། །
[01:56.031]བཞག་བཞག་ན་ཕྱུགས་ཀྱི་རྒྱན་ཆ་རེད། །
[01:57.910]ཞོན་བཏང་ན་འཛམ་གླིང་ཉིན་སྐོར་རེད། །
[01:59.934]གླུ་ང་ལ་མ་ལེན་གནམ་ལ་ལོངས། །
[02:03.639]གནམ་ལག་པས་ཁོབས་ན་ང་ལ་ལོངས། །
[02:07.425]གླུ་ང་ལ་མ་ལེན་རི་ལ་ལོངས། །
[02:11.261]རི་དཔུང་པས་ཆུག་ན་ང་ལ་ལོངས་ཡ། །
[02:31.249]ངའི་རོགས་གཅིག་དགུང་སྔོན་དབྱིངས་སུ་ཡོད། །
[02:35.560]བྱ་ཐང་དཀར་འདྲ་ལེ་རོགས་གཅིག་ཡོད། །
[02:40.076]དགུང་ནམ་འཕངས་གཅོད་པའི་རོགས་གཅིག་ཡོད། །
[02:44.870]དེ་ཡན་ལ་རོགས་ཀྱི་དགོས་པ་མེད། །
[02:49.599]རྫ་རྩེ་གངས་རྩེ་སྤང་རྩེ་གསུམ། །
[02:51.804]སྤང་རྩེ་རླུང་གིས་ཁྱེར་འགྲོ་རེད། །
[02:53.891]གངས་རྩེ་ཉི་མས་བཞུ་འགྲོ་རེད། །
[02:55.832]འགྱུར་མེད་རྫ་རི་སྨུག་པོ་རེད། །
[03:01.843]ཇ་ལོ་ལྕང་ལོ་ཤུག་ལོ་གསུམ། །
[03:03.517]ཇ་ལོ་སྟོན་དུས་འཐུ་ལེ་རེད། །
[03:05.408]ལྕང་ལོ་དགུན་དུས་སྐམ་ལེ་རེད། །
[03:07.424]མི་འགྱུར་ལྷ་ཤིང་ཤུག་ལོ་རེད། །
[03:13.614]རི་དཔུང་པས་མི་ཆུམས་སྤྲིན་པས་ཆུམས། །
[03:17.031]རི་སྤྲིན་གྱིས་ཆུམས་ཉིན་ཁྱོད་ལ་ལེན། །
[03:20.859]ཆུ་སྦ་རས་མི་ཆུད་སྐྱོགས་ཀྱིས་ཆུད། །
[03:24.410]ཆུ་སྐྱོགས་ཀྱི་ཆུད་ཉིན་ཁྱོད་ལ་ལེན་ཡ། །
[03:29.751]རྒྱ་ཇ་ཡུ་དམར་ཇ་དང་གཅིག། །
[03:31.118]འབྲི་མར་སེར་པོའི་མར་དང་གཉིས། །
[03:33.057]བྱང་ཚ་དཀར་པོ་དེ་དང་གསུམ། །
[03:35.105]ཟས་དེ་གསུམ་ཕ་ཡུལ་མི་གཅིག་ཀྱང་། །
[03:36.908]མ་སྲུ་མོའི་ལག་ཏུ་མཉམ་འཛོམ་རེད། །
[03:38.868]ཐབ་ཕྲ་མོའི་དཀྱིལ་ལ་རྟེན་འབྲེལ་འགྲིག། །
[03:43.010]ངའི་རོགས་གཅིག་ཁྲ་མོའི་སྡེ་ལ་ཡོད། །
[03:51.317]དྲིན་ཕ་མ་འདྲ་ལེའི་རོགས་གཅིག་ཡོད། །
[03:58.919]བར་བུ་ཕྲུག་འདྲ་ལེའི་སེམས་གཅིག་ཡོད། །
[04:06.543]དེ་ཡན་ལ་རོགས་ཀྱི་དགོས་པ་མེད། །
文本歌词
编曲 : 多哇加布拉堆
ངའི་རོགས་གཅིག་ཁྲ་ཡག་རྫ་ལ་ཡོད། །
འབྲོང་བྲེ་སེར་འདྲ་ལེའི་རོགས་གཅིག་ཡོད། །
མགོ་རུ་ཐུར་འདྲ་ལེའི་སེམས་གཅིག་ཡོད། །
དེ་ཡན་ལ་རོགས་ཀྱི་དགོས་པ་མེད། །
ངའི་རོགས་གཅིག་རྒྱ་རྫོང་ནགས་ལ་ཡོད། །
སྟག་དམར་ཡག་འདྲ་ལེའི་རོགས་གཅིག་ཡོད། །
ལུས་རྩལ་དྲུག་འཛོམས་པའི་རོགས་གཅིག་ཡོད། །
དེ་ཡན་ལ་རོགས་ཀྱི་དགོས་པ་མེད། །
རྫ་རྩེ་གངས་རྩེ་སྤང་རྩེ་གསུམ། །
སྤང་རྩེ་རླུང་གིས་ཁྱེར་འགྲོ་རེད། །
གངས་རྩེ་ཉི་མས་བཞུ་འགྲོ་རེད། །
འགྱུར་མེད་རྫ་རི་སྨུག་པོ་རེད། །
ཇ་ལོ་ལྕང་ལོ་ཤུག་ལོ་གསུམ། །
ཇ་ལོ་སྟོན་དུས་འཐུ་ལེ་རེད། །
ལྕང་ལོ་དགུན་དུས་སྐམ་ལེ་རེད། །
མི་འགྱུར་ལྷ་ཤིང་ཤུག་ལོ་རེད། །
མགར་གྱི་བུ་དང་ལྕགས་ཀྱི་ཚ། །
མགར་བུ་ལྕགས་ཚ་ཁྲ་རིང་བོའུ། །
བཞག་བཞག་ན་དགྲ་ལྷ་འཁོར་རྟེན་རེད། །
འཕངས་བཏང་ན་གནམ་ལྕགས་ཐོག་དང་འདྲ། །
བྱ་ཡི་སྒྲོ་དང་རླུང་གི་གཤོག། །
བྱ་སྒྲོ་རླུང་གཤོག་འདོ་བ་རྟ། །
བཞག་བཞག་ན་ཕྱུགས་ཀྱི་རྒྱན་ཆ་རེད། །
ཞོན་བཏང་ན་འཛམ་གླིང་ཉིན་སྐོར་རེད། །
གླུ་ང་ལ་མ་ལེན་གནམ་ལ་ལོངས། །
གནམ་ལག་པས་ཁོབས་ན་ང་ལ་ལོངས། །
གླུ་ང་ལ་མ་ལེན་རི་ལ་ལོངས། །
རི་དཔུང་པས་ཆུག་ན་ང་ལ་ལོངས་ཡ། །
ངའི་རོགས་གཅིག་དགུང་སྔོན་དབྱིངས་སུ་ཡོད། །
བྱ་ཐང་དཀར་འདྲ་ལེ་རོགས་གཅིག་ཡོད། །
དགུང་ནམ་འཕངས་གཅོད་པའི་རོགས་གཅིག་ཡོད། །
དེ་ཡན་ལ་རོགས་ཀྱི་དགོས་པ་མེད། །
རྫ་རྩེ་གངས་རྩེ་སྤང་རྩེ་གསུམ། །
སྤང་རྩེ་རླུང་གིས་ཁྱེར་འགྲོ་རེད། །
གངས་རྩེ་ཉི་མས་བཞུ་འགྲོ་རེད། །
འགྱུར་མེད་རྫ་རི་སྨུག་པོ་རེད། །
ཇ་ལོ་ལྕང་ལོ་ཤུག་ལོ་གསུམ། །
ཇ་ལོ་སྟོན་དུས་འཐུ་ལེ་རེད། །
ལྕང་ལོ་དགུན་དུས་སྐམ་ལེ་རེད། །
མི་འགྱུར་ལྷ་ཤིང་ཤུག་ལོ་རེད། །
རི་དཔུང་པས་མི་ཆུམས་སྤྲིན་པས་ཆུམས། །
རི་སྤྲིན་གྱིས་ཆུམས་ཉིན་ཁྱོད་ལ་ལེན། །
ཆུ་སྦ་རས་མི་ཆུད་སྐྱོགས་ཀྱིས་ཆུད། །
ཆུ་སྐྱོགས་ཀྱི་ཆུད་ཉིན་ཁྱོད་ལ་ལེན་ཡ། །
རྒྱ་ཇ་ཡུ་དམར་ཇ་དང་གཅིག། །
འབྲི་མར་སེར་པོའི་མར་དང་གཉིས། །
བྱང་ཚ་དཀར་པོ་དེ་དང་གསུམ། །
ཟས་དེ་གསུམ་ཕ་ཡུལ་མི་གཅིག་ཀྱང་། །
མ་སྲུ་མོའི་ལག་ཏུ་མཉམ་འཛོམ་རེད། །
ཐབ་ཕྲ་མོའི་དཀྱིལ་ལ་རྟེན་འབྲེལ་འགྲིག། །
ངའི་རོགས་གཅིག་ཁྲ་མོའི་སྡེ་ལ་ཡོད། །
དྲིན་ཕ་མ་འདྲ་ལེའི་རོགས་གཅིག་ཡོད། །
བར་བུ་ཕྲུག་འདྲ་ལེའི་སེམས་གཅིག་ཡོད། །
དེ་ཡན་ལ་རོགས་ཀྱི་དགོས་པ་མེད། །